浅谈《喻法论•聚宝及其注释》价值

(整期优先)网络出版时间:2023-09-18
/ 6

浅谈《喻法论•聚宝及其注释》价值

扬姆

( 西北民族大学 四川 624400 )

༄༅།།དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པའི་རིན་ཐང་ལ་ཅུང་ཟད་དཔྱད་པ།

ནང་དོན་གནད་བསྡུས།

“བློ་གྲོས་ཐུགས་རྗེ་མི་ཟད་བཀའ་དྲིན་ཅན། མཉམ་མེད་པོ་ཏོ་སྐོར་བའི་ཞབས་ལ་འདུད། བྱང་ཆུབ་ལམ་རབ་གསལ་བྱེད་དཔེ་ཡི་ཆོས། རིན་ཆེན་སྤུངས་པའི་དཔེ་དོན་རྣམས་བཤད་བྱ།” ཞེས་བཀོད་པ་ལྟར།དཔྱད་རྩོམ་འདིར་པོ་ཏོ་བའི་བསྒྲིགས་པའི་དཔེ་ཆོས་དང་ཁོང་གི་སློབ་མ་ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེའི་འགྲེལ་བའི་དཔེ་ཆོས་རིན་ཆེན་སྤུངས་པ་གཞིར་བཟུང་ནས་ཚིག་ཉུང་ལ་གོ་སླ་བ།ཤེས་བྱའི་གཏིང་ཟབ་མོ་སྟོན་པའི་དཔེ་ཆོས་གཞིར་བཟུང་ནས་དེ་ལས་མངོན་པའིརིན་ཐང་་དཔྱད་ཁུལ་བྱ།

བརྡ་ཆད་གཙོ་བོ། དཔེ་ཆོས་རིན་ཆེན་སྤུངས་པ།  སློབ་གསོའི་ཕན་ནུས།  རིན་ཐང་། 

喻法论聚宝;   教育功能;  价值;

གཅིག གླེང་སློང་བ།

སྤྱིར་དཔེ་ཆོས་ལ་ལུང་རིགས་གི་རྒྱབ་ལྗོངས་ཡོད་པ། འཕེལ་རྒྱས་དང་རྒྱུན་སྐྱོང་ཐུབ་པ། བོད་མི་རིགས་ཀྱི་ནང་བསམ་བློའི་སློབ་གསོ་དང་། ཕྱིའི་ཀུན་སྤྱོད་ཀྱི་སྤྱོད་པ་ཡར་རྒྱས་སུ་གཏོང་བའི་སློབ་དཔོན་ལྟ་བུའི་དགེ་མཚན་དང་། སྣེ་ཁྲིད་ལྟ་བའི་ཕན་ཡོན་ཡོད་ལ། མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་དང་དམ་ཟབ་དུ་འབྲེལ་ཡོད། དེ་ཡང་ཆོས་ཀྱི་སྙིང་བོ་མཐའ་གཅིག་དུ་བསྡུས་པའི་ལམ་གྱི་རིམ་པ་འདི་ནི་སློབ་དཔོན་ཀླུ་སྒྲུབ་དང་སློབ་དཔོན་ཐོགས་མེད་ལ་སོགས་པ་ནས་བར་མ་ཆད་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བར་དུ་བརྒྱུད་ཅིང་། སློབ་གཉེར་དམ་པ་གྲངས་གིས་མི་ལངས་བའི་རྒྱུན་མ་ཆད་པར་ཉམས་ལེན་དང་རྒྱུན་འཛིན་ཐུབ་ཡོད། དེ་ཡང་བོད་ལ་བཀའ་དྲིན་ཆེ་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་མཚན་དོན་མཚུངས་པའི་བསྟན་པའི་སྲོལ་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ལ། ཁོང་གིས་བོད་ཀྱི་བསྟན་པའི་ནང་དོན་མ་དག་པ། ལྷད་ཞུགས་པ་རྣམས་དག་ཐེར་མཛད་ཕྱིར་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ཅིང་། དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་བྱང་ཆུབ་ལམ་སྒྲོན་གྱི་རིམ་པའི་བརྗོད་བྱ་ཡོངས་སུ་རྫོགས་པའི་དོན་གསལ་བོར་རྟོགས་ཆེད་འཇིག་རྟེན་ཡོངས་གྲགས་ཀྱི་ཁ་དཔེ་དང་སྦྱར་ཏེ་མཛད་པར་གནང་ལ། དེའི་འགྲེལ་བ་ལ་བུ་སློབ་རྣམས་ཀྱིས་མཛད་པ་རྒྱས་འབྲིང་བསྡུས་གསུམ་དུ་གྲགས་ཡོད་། ཐུའུ་བཀྭན་ཆོས་ཀྱི་ཉི་མས།“དཔེ་ཆོས་ལ་ནི་གསུམ་བྱུང་སྟེ། ཐོག་མར་གྲབ་པས་བསྒྲིགས་པ་ནི་བསྡུས་པ། བྲག་དཀར་བས་དེ་གཞིར་མཛད་ནས་ཁོང་རང་ཉིད་ཀྱིས་དགེ་བཤེས་ལ་གསན་པའི་དཔེ་མང་དུ་བསྣན་ཏེ་བསྒྲིགས་པ་ནི་རྒྱས་པ་དང་། ལྕེ་སྒོམ་རྫོང་བས་སྔ་མ་གཉིས་ལས་གོ་བདེ་བའི་འབྲིང་པོ་མཛད་དེ། དེ་ལ་དཔེ་ཆོས་རིན་ཆེན་སྤུངས་པ་ཞེས་བྱའོ།” [1] ནང་བཞིན་དེ་དག་ལས་ལྕེ་སྒོམ་པ་ཤེས་རབ་རྡོ་རྗེས་བསྒྲིགས་པའི་འབྲིང་བོ་སྟེ་དཔེ་ཆོས་རིན་ཆེན་སྤུངས་པ་ནི་པོ་ཏོ་པའི་དཔེ་ཆོས་འགྲེལ་བ་དག་ལས་གོ་སླ་ཞིང་ཚགས་དམ་པའི་འགྲེལ་བ་ཆེས་ལེགས་ཤོས་སུ་སྣང་བར་གསུངས་ལ། དེ་དག་གི་བརྗོད་བྱ་ཡང་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་ལམ་གྱི་རིམ་པ་ལྟར་སྐྱབས་སུ་འགྲོ་བ་དང་དལ་འབྱོར་འདི་རྙེད་པར་དཀའ་བ། འཁོར་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། གཞན་བརྩོན་འགྲུས། ཤེས་རབ། བསམ་གཏན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ཀྱི་དོན་རྣམས་གཏམ་རྒྱུད་དང་གཏམ་དཔེ་སོགས་ལ་བརྟེན་ནས་ཐབས་བརྒྱ་ཇུས་སྟོང་གིས་དཔེ་སྣ་ཚོགས་ཀྱི་ལམ་ནས་བསྟན་པའི་དཔེ་ཆོས་སུ་གྲགས་ལ། ནང་དོན་གནད་ལ་ཁེལ་ཞིང་ཚགས་དམ་ལ་ཁ་གསལ་བ། ཕྱིས་སུ་ཀློག་མཁན་རྣམས་ཀྱིས་གོ་སླ་ཞིང་ཤེས་བྱའི་གནད་ཟབ་མོ་སྟོན་པའི་སྣང་ཚུལ་བསྐྲུན་ཡོད།

གཉིས། དཔེ་ཆོས་རིན་ཆེན་སྤུངས་པའི་རིན་ཐང་ལ་དཔྱད་པ།

དང་པོ། གནའ་དེང་སློབ་གསོའི་ཟུང་འབྲེལ་གྱི་རིན་ཐང་།

སྔོན་ནས་ད་ལྟའི་བར་དར་བའི་སློབ་གསོ་ལམ་ལུགས་དང་དེང་སྐབས་གསར་དུ་སྤེལ་བཞིན་པའི་སློབ་གསོ་ལམ་ལུགས་གཉིས་ལས་གཙོ་ཕལ་གྱི་དབྱེ་བ་མེད་པར་གཉིས་ཀ་གཅིག་འགྲོགས་གཅིག་ཏུ་འགྲོ་དགོས་པ་ནི་སློབ་གསོའི་དོན་རྡོར་གྲུབ་ཅིང་།སྔོན་ཐོན་མི་རིགས་སུ་ཞིག་ཡིན་ནའང་འདི་མ་དོར་བའི་ངོས་ནས་མདུན་དུ་བསྐྱོད་དགོས་པ་ནི་ཞུ་མ་དགོས་པ་ཞིག་ཡིན། དཔེ་ཆོས་རིན་ཆེན་སྤུངས་པ་ལྟ་བུ་ལ་མཚོན་ནས་བཤད་ན་དཔེ་ཆོས་མང་དག་ཅིག་ལ་སློབ་གསོ་དོན་སྙིང་ལྡན་པ་སྨོས་ཅི་དགོས་དེ་དག་དེང་གི་སློབ་གསོ་ལམ་ལུགས་དང་འབྲེལ་ནས་གླེང་ན་སློབ་གསོའི་དོན་གལ་ཆེན་ཞིག་མཚོན་ཐུབ་པ་མ་ཟད་མི་མང་དག་ཅིག་ལ་ཤུགས་རྐྱེན་ཐེབས་ཐུབ། དཔེར་ན་དཔེ་ཆོས་རིན་ཆེན་སྤུངས་པའི་ནང་གི་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག་སོགས་སྤང་བ་ནི་ད་ལྟའི་སློབ་གྲྭའི་སློབ་གསོ་དང་ཁ་བྲལ་ཐབས་མེད་ལ།སློལ་རྒྱུན་གྱི་སློབ་གསོ་འདི་དག་དར་སྤེལ་ལེགས་པོ་བྱས་པའི་རྨང་གཞིའ་སྟེང་ད་གཟོད་མིའི་རིགས་ཀྱི་སློབ་གསོ་གོང་འཕེལ་འགྲོ་ཐུབ།སྲོལ་རྒྱུན་གྱི་མཁར་རྨིང་བརྟན་པོའི་སྟེང་རིག་གསར་གྱི་ཁང་ཆེན་བརྗིད་ཆེ་བ་བརྩིགས་ན་ད་གཟོད་འཕེལ་རྒྱས་རྒྱ་ཆེན་འགྲོ་ཐུབ་པ་ནང་བཞིན།གནའ་དེང་སློབ་གསོ་ཟུང་འབྲེལ་ཡག་པོ་བྱས་ན་མི་རིགས་རིག་གནས་ཀྱང་གོང་འཕེལ་ལེགས་པོ་འགྲོ་ཐུབ། དཔེར་ན་དཔེ་ཆོས་རིན་ཆེན་སྤུངས་པའི་ཕར་ཕྱིན་དྲུག་གི་དོན་སྐོར་ལས་བརྩོན་འགྲུས་ལྟ་བུ་ལ་དཔེ་བཞག་ན། “གླང་རྒན་ལྕག་གིས”[2]  ཞེས་པ་ནང་བཞིན་འདི་ངེད་ཅག་གི་སློབ་གྲྭའི་སློབ་གསོ་དང་འབྲེལ་བ་དམ་ཟབ་དུ་ཡོད་ལ།སློབ་མ་ཞིག་གི་རྒྱུད་ལ་རིག་གནས་ལེགས་པོ་ཞིག་འབྱོར་དགོས་ན་དགེ་རྒན་དག་གིས་ཁ་ཏ་སློབ་གསོ་དང་ཁ་བྲལ་ཐབས་མེད་ལ། དེར་མ་ཟད་རྒན་དམ་པ་དག་གི་སྲོལ་རྒྱུན་སློབ་གསོ་འདི་ལྟ་བའི་དཔེ་ཆ་དག་གི་ནང་རྙིང་ཉམས་ལེན་ཡག་པོ་ཞིག་བྱེད་ཐུབ་ན་ད་གཟོད་དེང་སྐབས་ཀྱི་སློབ་གྲྭའི་སློབ་གསོ་ཡག་པོ་ཞིག་འཁྱོངས་ཐུབ།སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་སུ་ཞིག་ཡིན་རུང་རང་རང་ལ་མེས་པོ་གོང་མས་བཞག་པའི་གར་སྟེགས་བརྗིད་ཆེ་བ་རེ་ཡོད་ཅིང་།བོད་ཀྱང་དེ་དང་ནང་བཞིན་མེས་པོའི་རིག་གནས་དེ་དག་གི་ལས་ལ་དེང་རབས་རིག་གནས་ཀྱི་སྲོག་གསར་བ་ཞིག་འཛོམས་ནུས་ན་དུས་རབས་གསར་བའི་ལམ་དུ་བསྐྱོད་པར་རེ་བཞག་གི་དོན་དང་མཐུན་ཞིང་འབྲས་བུའང་ཀུན་ལ་ཕན་ཆེ་བ་ཞིག་ཡོང་ལ།དེ་ནི་གླེང་བཞིན་པའི་གནའ་དེང་སློབ་གསོ་ཟུང་འབྲེལ་རེད་འདོད་ལ།དཔེ་ཆོས་རིན་ཆེན་སྤུངས་པའི་འདི་ལྟ་བའི་ནུས་པ་ཐོན་ཡོད་གི་འདོད་གི

གཉིས་པ། སྲོལ་རྒྱུན་སློབ་གསོའི་རིན་ཐང་།

དགེ་བའི་བཤེས་གཉེན་རྗེ་པོ་ཏོ་བའི་ཞལ་ནས་ཆོས་གང་དང་གང་ལ་ཉན་བཤད་བྱེད་པའི་སྔོན་དུ།སློབ་མའམ་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་སྤངས་ནས།བསམ་པ་དད་གུས་དང་ལྡན་པའི་ངང་ནས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ནས་ཆོས་ལ་ཉན་དགོས་པར་གསུང་།ཐོག་མར་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་སྤང་བ་དང་། གཞན་ཡང་ཆོས་ཉན་པའི་ཚེ་དྲི་མ་དྲུག་སྤང་བ། དེར་མ་ཟད་གཞན་ཉན་པ་པོ་རྣམས་ཀྱི་ཆོས་མི་འཛིན་པའི་སྐྱོན་ལྔ་ཡང་བྱ་བ་ཡོད་དེ།དེ་དག་རེ་རེ་བཞིན་སྤང་བ་དང་། དེ་ལས་ལྡོག་ཏེ་དད་པ་བཞི་དང་ལྡན་པ། དཔེ་ཆོས་རིན་ཆེན་སྤུངས་པ་ལས། ཡོན་ཏན་ཐམས་ཅད་ཀྱི་གཞི་རྩ་ནི་དད་པ་ཡིན་ཟེར་བ་ལྟར།དཀར་བོའི་ཆོས་གང་ཞིག་ཉན་རུང་དད་པ་མེད་ན་ཆོས་མེད་ལ།དད་པ་ཡོད་ན་ད་གཟོད་དཀར་བའི་ཆོས་ཡོད།།གོང་དུ་བརྗོད་པ་འདི་དག་ཚང་མ་ནི་སྲོལ་རྒྱུན་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཚང་མའི་ཤེས་གསལ་རེད།

རྗེ་པོ་ཏོ་བ་རིན་ཆེན་གསལ་ལགས་ཀྱི་གསུངས་པའི་དཔེ་ཆོས་དང་ཁོང་གི་སློབ་མ་ལྕེ་སྒོམ་པ་ཤེས་རབ་རྡོ་རྗེའི་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པར་མཚོན་ན་ཆོས་ཀྱི་གནས་ལུགས་ཟབ་མོ་དང་ལམ་གྱི་རིམ་པ་མཐའ་དག་མིའི་རིགས་ཀྱི་སྤྱི་ཚོགས་དང་འཚོ་བ་ལ་འབྲེལ་བ་དམ་ཟབ་དུ་ཡོད་པ་སྨོས་ཅི་དགོས།དེ་དག་གི་ནང་དོན་དག་ཀྱང་གཏམ་རྒྱུད་དང་དཔེ་སྣ་ཚོགས་ལ་སྦྱར་ནས་ནང་དོན་གཏིང་ཟབ་པ་དག་མི་རྣམས་ཀྱི་གོ་སླ་ཞིང་སྟབས་བདེ་བར་བཏང་འདུག་ལ་ཀློག་ན་སྤྲོ་བོ་ཡོད་ཅིང་།ནང་དོན་ཕུན་སུམ་ཚོགས་པའི་གསོན་ཉམས་ལྡན་ཞིང་སློབ་གསོའི་བློ་སྒོ་འབྱེད་པའི་ནུས་པ་གལ་ཆེན་ཡོད་སྙམ།དཔེར་ན་བརྗོད་བྱའི་ནང་དོན་ནང་གི་སྐྱེས་བུ་དམ་པའི་བརྟེན་བྱ་སློབ་དཔོན་བརྟེན་པའི་སྐོར་གྱི་དཔེ་ཆོས་དང་།སྟེན་མཁན་སློབ་མའི་མཚན་ཉིད་བསྟན་པའི་སྐོར་གྱི་དཔེ་ཆོས། གཞན་ད་རུང་ཕར་ཕྱིན་དྲུག་གི་བརྩོན་འགྲུས་དང་ཤེས་རབ་དག་ཐད་ཀའི་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་ལ།དཔེར་ན་“སློབ་མའི་མཚན་ཉིད་དང་མི་ལྡན་པ་སྤང་པའི་དཔེ་ལས་འཇག་མ་ཞེས་པ་ནི།ལ་ཁའི་འཇག་མ་དེས་མི་ཐུབ་པར་རླུང་པོ་གར་བྱུང་གི་ཕྱོགས་སུ་གུ་གུར་ཡེབ་ཡེབ་བ་ལྟར་མི་རིགས་ཚན་ཅིག་གིས་བློ་ཡང་སོ་ཚུགས་པ་མེད་པར་གཞན་གྱིས་ཇི་ཙུག་བསྒྱུར་བསྒྱུར་དུ་འགྲོ་ཞིང་།ཤེས་པ་ཡེབ་ཡེབ་དུ་སོང་བའི་མི་ཆོས་འགོ་མི་ཐོན་གསུང་།” [3]ཞེས་བཀོད་ཡོད་པ་བཞིན་མི་ཞིག་ཡིན་ན་རང་ཚུགས་བརྟན་པོ་ཡོད་དགོས་པ་དང་གཞན་གྱི་ཁ་བཤད་གི་གང་ལག་བཤད་གི་གང་སོགས་མི་བྱེད་པར་རང་ནུས་ཅི་ལྕོག་གི་སྒོ་ནས་གཞན་ལ་མ་བརྟེན་པར་རང་དོན་འཁྱོངས་དགོས་པ་གལ། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ན་སློབ་མ་འགའ་རེ་དངོས་གནས་གོང་གི་དཔེ་རུ་བཀོད་པའི་འཇག་མ་དང་འདྲ་བར་བཞིན་ཕར་བཤད་ན་ཕར་ཚུར་བཤད་ན་ཚུར་བཞིན་རང་གི་ལྟ་བ་དང་བསམ་བློའི་དབེན་པ། ཡོད་ཚད་གཞན་ལ་རེ་བཅོལ་བྱས་ནས་རང་མགོ་མི་ཐོན་པ་ལྟ་བུ་གང་མང་མང་རེད། ཡང་དཔེར་ན་བརྩོན་འགྲུས་ཀྱི་དོན་སྐོར་བསྟན་པ་ལས་“ཆུ་རྡོ་འབིགས་ཅེས་པ་ ”

 [4] དཔེར་ན་ཡུན་དུ་བསྲིངས་ཙམ་ན་།ཆུ་ཡུས་ཀྱང་རྡོ་འབིགས་པ་ལྟར་།འོ་སྐོལ་གྱིས་ཀྱང་བརྩོན་འགྲུས་སྙུགས་བསྲིངས་ནས་སྒྲུབ་པ་བར་མ་ཆད་པ་ཅིག་བྱས་ན།མྱུར་དུ་བརྟན་པ་ཐོབ་ནས་འོང་སྟེ།རྟག་ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང་།དུས་སུ་རྡོ་ལེབ་དག་ཀྱང་འབིགས་པར་བྱེད།སྲུབ་ཤིང་ལ་ནི་མེ་ནི་འབྱུང་འགྱུར་ཞིང་།བརྐོས་པར་གྱུར་ན་ས་ལས་ཆུ་འབྱུང་འགྱུར།མིས་ནི་རྩོལ་བ་བྱས་ན་མི་འགྲུབ་མེད། ཞེས་དཔེ་བཀོད་ཡོད་པ་བཞིན་མི་ཞིག་ལ་བརྩོན་འགྲུས་ལྡན་གྱུར་ན་བྱ་བ་མང་དག་ཅིག་རང་འགུལ་ངང་འགྲུབ་ཡོང་ལ། གལ་ཏེ་“བརྩོན་པ་དག་དང་བྲལ་གྱུར་ན།།དོན་ཆུང་ཡིན་ཡང་འགྲུབ་པར་དཀའ།།བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན།།རང་གི་ལག་ན་གནས་དང་མཚུངས། ” [5]ཞེས་ནང་བཞིན་བརྩོན་པ་ནི་བྱ་བ་གང་ཞིག་སྒྲུབ་ཀྱང་དེར་དགའ་བའི་འཇུག་པ་དང་འབད་པ་ལྷོད་མེད་བྱེད་པའི་བསམ་སྦྱོར་གྱི་མིང་ཞིག་ཡིན། མི་སུ་ཡིན་རུང་དེ་འདྲའི་བརྩོན་འགྲུས་མ་ལྡན་ན།དོན་ཆེན་པོ་ཞིག་འགྲུབ་པ་ཕར་བཞོག དོན་ཆུང་ཆུང་ཞིག་ཡིན་ཡང་བསྒྲུབ་མི་ཐུབ་ལ། བསྒྲུབས་ཀྱང་འགྲུབ་མི་ཐུབ་པའམ།འགྲུབ་དཀའ་བའི་དོན་ནོ། གལ་ཏེ་དེ་ལས་ལྡོག་ཏེ་མི་ཞིག་ལ་བརྩོན་འགྲུས་དང་ཁེངས་སྐྱོང་ལྡན་པའི་ངང་ནམ་རྒྱུན་འབད་པ་ལྷད་མེད་བྱེད་པའི་བསམ་པ་དང་བྱ་སྤྱོད་ལྡན་ན་རིག་པའི་གནས་ལྔ་ལ་སྦྱངས་བ་མཐར་ཕྱིན་པ་བྱེད་ཐུབ་ལ།མི་སུ་དང་སུ་ཡིན་ཡང་བརྩོན་འགྲུས་མེད་པར་གྱུར་ན་དོན་ཕྲན་བུ་ཙམ་ཡང་འགྲུབ་མི་ཐུབ། དཔེ་ཆོས་རིན་ཆེན་སྤུངས་པ་རུ་དེ་དང་དེ་འདྲ་བའི་དཔེ་མང་དུ་ཡོད་ལ། ཡོད་ཚད་དཔེ་ཆོས་དང་གཏམ་རྒྱུད་སྣ་ཚོགས་ལ་སྦྱར་ནས།དོན་གཏན་ལ་ཕབ་ཅིང་།སློབ་གསོའི་གནས་ལུགས་གཏིང་ཟབ་མོ་ལྡན་པའི་གོ་དཀའ་བ་རྣམས་གོ་སླ་བར་འགྱུར་ནས། མི་རྣམས་ལ་བརྩོན་སེམས་དང་བླང་དོར་གྱི་གནས་གསལ་བོ་བསྟན་ཡོད་ལ།བློ་རབ་འབྲིང་ཐ་གསུམ་གྱི་གོ་ཐུབ་པའི་དཔེ་ཆོས་ངོ་མཚར་བ་དག་དག་ཡིན།

གསུམ་པ།མི་གཞི་ཀུན་སྤྱོད་ལེགས་པོ་ཡོང་བའི་ཕན་ནུས།

སློབ་གསོ་ནི་མི་རིགས་ཞིག་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཡིན་ལ།མི་ཞིག་གི་མི་གཞི་ལེགས་པོ་དང་བསམ་པའི་ཁྱེར་སོ་བཅས་ལ་མེད་དུ་མི་རུང་པའི་རྒྱུ་ཆ་གལ་འགངས་ཆེ་བ་ཞིག་ཡིན། ཀུན་སྤྱོད་སློབ་གསོ་ལ་གཙིགས་ཆེན་བྱས་ན།ད་གཟོད་ཐུན་མོང་མ་ཡིན་པའི་ཤེས་རྟོགས་གི་ནུས་པ་དང་།སྤྱི་ཚོགས་འཚོ་བ་ལས་ཐོན་པའི་བསམ་པའི་སྐུལ་ཤུགས།ཀུན་སྤྱོད་ཚད་གཞི་སོགས་ཕྱོགས་གང་ཅིའི་ཐད་ནས་མི་དཀྱིལ་མ་ཞིག་དང་མི་འདྲ།ཀུན་སྤྱོད་སློབ་གསོ་ལ་གཙིགས་ཆེན་བྱས་ན།ད་གཟོད་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་པའི་གོ་རྟོགས་དང་མི་རྣམས་ཀྱི་བྱ་བ་སྒྲུབ་ཕྱོགས། སློབ་གསོ་འཕེལ་ཕྱོགས་བཅས་ཡར་རྒྱས་འགྲོ་ཐུབ།  དཔེ་ཆོས་རིན་ཆེན་སྤུངས་པའི་དཔེ་ཆོས་མང་དག་ཞིག་གི་ཤུགས་བསྟན་ཀྱི་ནང་དོན་དེའི་མི་རྣམས་ལ་སློབ་གསོའི་ཤུགས་རྐྱེན་ཐེབས་ཡོད་ལ། སྐབས་དེའི་སྤྱི་ཚོགས་དང་མི་རྣམས་ཀྱི་ཀུན་སྤྱོད་ལེགས་པོ་ཡོང་བར་ཕན་ཐོགས་ཡོད་པ་སྨྲ་ཅི་དགོས།དཔེར་ན་དཔེ་ཆོས་རིན་ཆེན་སྤུངས་པའི་ཚུལ་ཁྲིམས་ཀྱི་དོན་སྐོར་ལས་“འདབ་ཕྱོགས་མེད་པའི་བྱ་”

 [6]ཅེས་པ་ནི་འདབ་ཕྱོགས་མེད་པའི་བྱས་ནམ་མཁའ་ལ་འགྲོ་བར་མི་ནུས་པ་ལྟར། ཐབས་སྙིང་རྗེ་དང་སྟོང་པ་ཉིད་ཀྱི་རྩི་ཡིས་མ་ཟིན་ན།སེར་སྣ་ལ་སོགས་པ་སྤངས་ནས་སྦྱིན་པ་ལ་སོགས་པ་ལྔ་ལ་ཇི་སྙེད་ཀྱང་།ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྱུར་ནང་བཞིན།གལ་ཏེ་མི་ཞིག་ལ་ཀུན་སྤྱོད་ལེགས་པོ་ཞིག་མི་ལྡན་ན་གཤོག་པ་མེད་པའི་བྱ་བཞིན་ཡོན་ཏན་དང་ཐོབ་གོ་ས་མཐོ་ཡང་སྙིང་བོའི་དབེན་ལ་ཀུན་སྤྱོད་ལེགས་པོ་ཞིག་ལྡན་རྒྱུ་ནི་རྐང་ཡིན་པ་བཞིན་ནོ། གཞན་ཡང་ཤིང་གི་བསྟན་བཅོས་ལས།“མ་རབས་སྐྱེ་བུ་གཉིས་འགྲོགས་ན།།ཕུགས་སུ་རང་གཞན་གཉིས་ཀ་ཕུང་།།གཙུབ་ཤིང་ཟུང་དུ་བརྡར་བ་ཡིས།།མཇུག་དུ་གཉིས་ཀ་སྲེག་པར་བྱེད།།”[7]ཅེས་པ་ནང་བཞིན་སྐྱེས་བུ་ངན་པ་དང་འགྲོགས་ན་མཐའ་མར་རང་ཉིད་བླག་པ་ཉིད་དང་མཚུངས་པ་ནང་བཞིན་དཔེ་ཆོས་རིན་ཆེན་སྤུངས་པ་ལས་ “ཁྱི་དང་ཉེ་ན་”[8]གཉིས་ཀྱི་བསྟན་དོན་འདྲ་བར་འདུག་ལ།ཁྱི་དང་ཉེ་ན་རྨ་དང་ཉེ་ལྟ་བུའོ།ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་དུ་སྐྱེས་བུ་ངན་པ་དང་འགྲོགས་ན་གོམས་གཤིས་ངན་པ་ལོབ་འགྲོ་ལ།མི་དེའི་རྒྱུད་གི་བྱ་སྤྱོད་ངན་པ་དག་ཀྱང་རང་རྒྱུད་ལ་ཆགས་སླ་བའི།དེ་དག་ནི་ཀུན་སྤྱོད་ངན་པ་ཡོང་བའི་རྒྱུ་ཡིན་པའི།གཏན་དུ་འདི་དང་འདྲ་བའི་མིའམ་གྲོགས་པོ་ལ་ཁ་བྲལ་ན་བཟང་།འདི་དང་འདི་འདྲ་བའི་དཔེ་ནི་གང་མང་མང་ཡིན་ལ།འདི་ལས་ཤེས་གསལ་ལྟར་དཔེ་ཆོས་རིན་ཆེན་སྤུངས་པ་ནི་མི་གཞི་ཀུན་སྤྱོད་ཀྱི་སློབ་གསོའི་ཕྱུག་པའི་དཔེ་ཆོས་ཡ་མཚར་ཞིག་ཡིན་པ་རྟོགས་ཐུབ།

མཇུག་བསྡུ་བའི་གཏམ།

རིག་གཞུང་གི་འགྲན་རྩོད་ཆེས་ཆེར་རྒྱས་པའི་དུས་སྐབས་འདིར། ནང་བསྟན་གྱི་ཉིང་ཁུ་ལམ་ནས་བྱོན་པའི་དཔེ་ཆོས་འདི་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟར་ལྷག་པར་གསལ། སྤྱིར་ལམ་རིམ་ནི་བོད་དར་ཆོས་བརྒྱུད་ཚང་མའི་ནང་དུ་ཡོད་བཞིན་པའི་གཞུང་ཀུན་འདུ་བའི་བང་མཛོད་ཅིག་ཡིན། བཀའ་གདམས་ལམ་རིམ་ཀྱི་ཁུངས་ནི་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལགས། གཞུང་དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་ཕེབས་ནས་བརྩམས་པའི་ལམ་རིམ་ཞིག་ཡིན། གཞུང་དེ་བཀའ་གདམས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་འཆད་ཁྲིད་བྱེད་སྐབས་ཁ་ཅིག་གིས་དཔེ་ཆོས་དང་མཚར་གཏམ་སོགས་ཀྱི་ཐབས་ལ་བསྟེན་པས་ལམ་རིམ་བཤད་པ། ཁ་ཅིག་གིས་བསྟན་རིམ་བཤད་པ་སོགས་ཐབས་ཤེས་སྣ་ཚོགས་པའི་སྒོ་ནས་རྒྱས་པར་སྤྲས་ཡོད། ཕྱིས་སུ་རྗེ་ཙོང་པ་བློ་བཟང་གྲགས་པས་བྱང་ཆུབ་ལམ་རིམ་ཆེན་པོ་མཛད་པས་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཀུན་གྱིས་ཁས་བླངས་དང་གཙིགས་སུ་འཛིན་འོས་པའི་གཞུང་ཞིག་ཏུ་གྱུར་བར་སེམས་སོ།

ཟུར་ལྟའི་དཔྱད་གཞི།

[1].རྒྱ་ཡེ་བཀྲ་པེ་བརྩམས།《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན།》   [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ༧པར་གཞི ཤོག

༣༦༡

[2].དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ། ལྕེ་སྒོམ་རྫོང་པ་ཤེས་རབ་པ་རྡོ་རྗེ། 《དཔེ་ཆོས་དང་དཔེ་ཆོས་རིན་སྤུངས་པ》[M]ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ཤོག༢༨༡༡༥༩ ༢༨༢༢༦༣ ༡༤༣

[3].འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》[M]བསླབ་དེབ། ཤོག ༡༡

[4].གུང་ཐང་བསྟན་པའི་སྒྲོན་མེ།《 ཤིང་གི་བསྟན་བཅོས། 》[M]བསླབ་དེབ། ཤོག ༣༨

作者简介 :扬姆(1998-) 女 四川阿坝人 硕士 研究方向 :中国语言文学

21